
![]() | ![]() | ![]() | ![]() | ![]() |
|---|
དགའ་ཤར་ཚན་རིག་ལྟེ་གནས་ཁང་ལ་ཕེབས་པར་དགའ་བསུ་ཞུ། ང་ཚོའི་ལྟེ་གནས་ཁང་འདིའི་དམིགས་ཡུལ་ནི་སློབ་ཕྲུག་ཚོའི་རྒྱུད་ལ་ཚན་རིག་གི་ཤེས་འདོད་དང་གསར་གཏོད་ཀྱི་ནུས་པ་སྤེལ་རྒྱུ་དེ་ཡིན། ང་ཚོས་སློབ་སྦྱོང་གི་ཐབས་ལམ་གསར་གཏོད་བྱས་ཏེ། སློབ་ཕྲུག་རྣམས་ལ་འཚོ་བའི་ཆ་ཤས་ཐམས་ཅད་ནས་གྲུབ་འབྲས་སོན་པར་མཁོ་བའི་སྦྱོང་བརྡར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པའི་དམི གས་ཡུལ་བཅངས་ཡོད།

ANNOUNCEMENTS
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚོགས་དུས་དང་གཏམ་བཤད་པ་དག་གི་་ཚོགས་དུས། ༢༠༢༦ ཟླ ༡ པོའི་ཚེས། ༢༡ ནས། ཚེས། ༢༦ བར
ཚོགས་ཡུལ། ལྷོ་ཕྱོགས། དགའ་ལྡན་ཤར་རྩེའི་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང༌།
༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་འདུ་འཛོམས།
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ནི་མཐོ་སློབ་འགྲིམ་བཞིན་པའི་བོད་ཀྱི་སློབ་མ་ཚོར་ཆེད་དུ་དམིགས་ཏེ།སློབ་མ་རང་ཉིད་ནས་རང་རང་ཤེས་དང་། རང་འགན་རང་ཁུར་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་མཚོན་པའི་ཤེས་ཡོན་མཉམ་སྤྱོད་ཀྱི་སྡིངས་ཆ་གལ་ཆེན་ཞིག་ཡིན།














































