top of page

༼ནང་ཆོས་དང་ཚན་རིག༽ ཅེས་པའི་འཕྲུལ་དེབ། Editorial Note: Buddhism and Science


༼ནང་ཆོས་དང་ཚན་རིག༽ ཅེས་པའི་འཕྲུལ་དེབ་འདི་ནི། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་རྩོམ་ཡིག་འགྲན་སྡུར་ལས་བྱུང་བའི་དཔྱད་རྩོམ་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན། འགྲན་རྩོམ་འདིའི་དམིགས་ཡུལ་གཙོ་བོ་ནི། དང་པོ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། གཉིས་ནས་ནང་ཆོས་དང་ཚན་རིག་གི་གོ་རྟོགས་མཐོར་འདེགས་དང་གཞི་རྩའི་སྤུས་ཚད་གོང་འཕེལ་གཏོང་རྒྱུ་དེ་ཡིན།

དཔྱད་རྩོམ་འགྲན་སྡུར་གྱི་བརྗོད་གཞིའི་ཁྱབ་ཁོངས་ནི་རྒྱ་ཆེ་ཞིང་། ཚན་རིག་གི་རྣམ་གཞག་སྤྱི་དང་འབྲེལ་བ་ཞིག་ཡིན་ཏེ། ༡༽ ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་དང་མཉམ་འབྲེལ་བྱེད་ཐབས། ༢༽ ནང་པའི་རྟེན་འབྱུང་རིག་པའི་ལྟ་བ་དང་ཚད་རྡུལ་དངོས་ཁམས་རིག་པ་གཉིས་ཅིའི་ཕྱིར་མཉམ་དུ་བསྐྱོད་ཐུབ་ཀྱི་ཡོད། ༣ ནང་པ་དང་ཚན་རིག་པ་གཉིས་ཀྱིས་ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས་དང་རང་བཞིན། ཚེ་སྲོག་གི་རིན་ཐང་བཅས་ལ་ལྟ་ཚུལ། ༤༽ ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་དཀའ་སྡུག་གི་གནས་སུ་ལྷུང་བའི་ད་ལྟའི་འཛམ་གླིང་འདིར། ནང་ཆོས་དང་ཚན་རིག་གཉིས་ཀྱིས་རོགས་འདེགས་སམ་ཕན་བདེ་ཅི་ཞིག་སྒྲུབ་ཐུབ། དོན་ངོ་མར་ཏོག་དབྱིབས་ནད་དུག་དེ་ཚེ་སྲོག་ལྡན་པའི་སེམས་ཅན་ཞིག་ཡིན་ནམ་ཅི།

བརྗོད་གཞི་གཞན་པ་ ༼བྱམས་བརྩེའི་ས་བོན༽ ཞེས་པ་དེ་ནི་ལོ་ཆུང་བྱིས་པ་རྣམས་ལ་དམིགས་པའི་འགྲན་རྩོམ་ཞིག་ཡིན། ༼བྱམས་བརྩེའི་ས་བོན༽ གྱི་དཔྱད་འདེམས་པ་ནི་ཚན་རིག་དགེ་རྒན་ངག་དབང་འབྱོར་རྒྱལ་དང་རྡོ་རྗེ་བཟང་པོ་གཉིས་ཡིན། བརྗོད་གཞི་གཙོ་བོ་ ༼ནང་ཆོས་དང་ཚན་རིག༽ གི་དཔྱད་འདེམས་པ་ནི། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་མགན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་དང་། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ལོ་ཙཱ་བ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ། རྒན་བརྩོན་འགྲུས་བསམ་འཕེལ། དགེ་བཤེས་ལོག་སྨྲ་ཚར་གཅོད་བཅས་ཡིན།

ད་ཐེངས་ཀྱི་འགྲན་རྩོམ་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི། མཉམ་ཞུགས་གནང་མཁན་གྱི་སྐད་ཡིག་དང་། ཁྱབ་ཁོངས། ཡང་ན་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར། རྒྱལ་ཁབ་མི་འདྲ་བ་ལྔ་ཙམ་ནས་བོད་དབྱིན་གཉིས་ཀྱི་སྐད་ཡིག་ནང་ཆེད་རྩོམ་གྲངས་ ༨༥ ཙམ་འབྱོར་ཡོད་པ་དེ་རེད། འགྲན་རྩོམ་འདིའི་མཐའ་མའི་གྲུབ་འབྲས་ནི། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ (བོད་ཟླ་ ༡༠ ཚེས་ ༢༥) ཉིན་ཏེ། རྗེ་ཙོང་ཁ་བ་ཆེན་པོའི་དགོངས་རྫོགས་དུས་ཆེན་དགའ་ལྡན་ལྔ་མཆོད་ཐེངས་ ༦༠༠ པ་དང་། ༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན། དམིགས་བསལ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་བརྩི་བྱེད་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་སྐལ་བཟང་ཉིན་མོ་དང་བསྟུན་ཏེ་གསལ་བསྒྲགས་བྱས་པ་ཡིན།

འགྲན་ཞུགས་དཔྱད་རྩོམ་མང་ཆེ་ཤོས་གནད་ལ་ཁེལ་ཞིང་། ཁུངས་བཙན་ལ་དཔྱད་ཞིབ་ཟབ་པ། དོན་འདུས་ལ་ཁ་གསལ་བ། ཆོས་ཚན་གྱི་ཤེས་རིག་ཟུང་དུ་འབྲེལ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྩོམ་པ་པོ་སོ་སོའི་རྩོམ་གཤིས་མ་ཉམས་པའི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གི་ངོས་ནས་རྩོམ་གྱི་སྡེབ་སྦྱོར་སོགས་རང་སོར་བཞག་པ་ལས་འགྱུར་བ་གང་ཡང་བཏང་མེད། ད་ཐེངས་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་འདི། འཛམ་གླིང་ཤར་ནུབ་ཀུན་གྱི་ནང་ཆོས་དང་ཚན་རིག་ལ་དོ་སྣང་ཡོད་མཁན་གྱི་ཀློག་པ་པོ་རྣམས་ཀྱི་རེ་འདུན་སྐོང་ཆེད་འཕྲུལ་དེབ་ཀྱི་ལམ་ནས་འགྲེམས་སྤེལ་ཞུ་རྒྱུ་ཡིན།

མཐའ་དོན། རྩོམ་ཡིག་འགྲན་སྡུར་གྱི་ལས་གཞི་འདིར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་དང་། དངོས་སུ་རྩོམ་ཡིག་འགྲན་སྡུར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། འཕྲུལ་དེབ་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ཀྱིས་ཀྱང་མ་འོངས་པར་ཆོས་ཚན་ཟུང་འབྲེལ་གྱི་བྱ་གཞག་ལ་གྲུབ་འབྲས་གཡུར་དུ་ཟ་ཞིང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

དགའ་ལྡན་ཤར་རྩེ་ཚན་རིག་སྡེ་ཚན་ནས། ༢༠༢༢ ཟླ་ ༧ ཚེས་ ༦ ཉིན།། དགེའོ།།


Editorial Note: Buddhism and Science

This e-book is a compilation of research papers from an essay competition held to express gratitude to His Holiness the Dalai Lama. The dual purpose of this competition was to honor His Holiness's profound contributions and to enhance the understanding and integration of Buddhist philosophy and modern science.

The scope of the competition covered a wide range of topics connecting scientific principles with Buddhist philosophy, including:

  1. The dialogue, conflicts, and synthesis between Buddhism and Science.

  2. The correlation between the Buddhist view of Dependent Origination and Quantum Physics.

  3. Perspectives from both Buddhism and Science on the origin, nature, and value of life.

  4. The roles and contributions of Buddhism and Science in alleviating suffering in a world impacted by the COVID-19 pandemic, and whether the coronavirus can be considered a living being.

Additionally, a separate category titled "Seeds of Compassion" was organized for young children.

Submissions & Highlights

A unique aspect of this competition was its inclusivity, welcoming submissions regardless of language or nationality. We received 85 specialized essays written in both Tibetan and English from participants spanning five different countries.

The final results were announced on a highly auspicious day (December 10, 2020), which marked a triple celebration: the 600th anniversary of Je Tsongkhapa’s parinirvana (Gaden Ngamchoe), the anniversary of His Holiness the Dalai Lama being awarded the Nobel Peace Prize, and a special day of gratitude to His Holiness.

To preserve the authentic voice and unique style of each author, the editorial team has presented the essays in their original form without making major structural alterations. This e-book is published to satisfy the intellectual curiosity of readers from both East and West who are deeply interested in the intersection of Buddhism and Science.

Acknowledgments

We extend our deepest gratitude to the generous sponsors of this project and to all the participants who contributed their valuable insights. We hope this e-book inspires readers and paves the way for successful future endeavors in bridging the gap between Dhamma and Science.

Gaden Shartse Science Department

July 6, 2022


Comments


  • Facebook
  • LinledIn
  • Twitter
  • YouTube

@LOGA DESIGN GASHAR CENTER FOR CONTEMPLATIVE SCIENCE & STUDIES.

Gaden Shartse Monastery,
P.O Tibetan colony, Mundgod 581411.
Distt N.K (India)

bottom of page