གསལ་བསྒྲགས། སྟོན་ཁའི་སློབ་དུས་ཀྱི་མཐའ་མའི་ནང་མོལ་བགྲོ་གླེང་།
Updated: Oct 3

བརྗོད་གཞི་ཁག
༡༽ ཚན་རིག་གི་ལྟ་ཚུལ་ལྟར་ཀླད་པར་སྦྱོང་བརྡར་ཡང་ཡང་སྤྲད་ན། ཀླད་པའི་དབང་རྩའི་འབྲེལ་མཐུད་ལ་འགྱུར་བ་འབྱུང་བ་དེས་སེམས་ཀྱི་མྱོང་བ་དང་བྱ་སྤྱོད་ལ་ཇི་ལྟར་ཕན་ཐོགས་སམ།
༢༽ དབང་རྩ་འཕྲིན་པ་གཏོང་ལེན་གྱི་རྒྱུད་རིམ་གང་འདྲ་ཞིག་ལས་ང་ཚོའི་དགའ་བ་དང་། ཞེ་སྡང་། སྐྲག་པ་ལྟ་བུའི་མྱོང་བ་སྐྱེ་བར་བསམ་གཞིག་བྱེད་ཐུབ་བམ།.
༣༽ ལོ་ངོའི་བཞིའི་རིང་གི་ཚན་རིག་སློབ་སྦྱོང་བྱས་པའི་འགྲུལ་བཞུད་ཁྲོད་ཀྱི་མྱོང་བ་དང་ལྟ་ཚུལ།
འདས་པའི་ལོ་ངོ་བཞིའི་རིང་། ང་ཚོས་ཚན་རིག་གི་གཞུང་ལུགས་དང་། ཀླད་པའི་དབང་རྩའི་རྣམ་གཞག རፈጥབྱུང་ཁམས་ཀྱི་གསང་བ་དེ་དག་ལ་སློབ་སྦྱོང་དང་བསམ་གཞིག་གང་ལེགས་བྱས་ཡོད། འགྲུལ་བཞུད་འདིའི་ཁྲོད་ང་ཚོར་ཐོབ་པའི་མྱོང་བ། ལྟ་ཚུལ། རྒྱུས་ལོན་བཅས་ཀྱི་ཐོག་ནས་སློབ་ཕྲུག་རྣམས་ཀྱིས་ཕན་ཚུན་དབར་ནང་མོལ་བགྲོ་གླེང་ཞིག་འཚོགས་གཏན་ཁེལ་ཡོད།
བགྲོ་གླེང་འདིའི་ནང་ཚན་རིག་གིས་ང་ཚོའི་འཇིག་རྟེན་ལྟ་ཚུལ་ལ་འགྱུར་བ་བཏང་སྟངས་དང་། ནང་དོན་རིག་པ་དང་ཚན་རིག་དབར་གྱི་ཟུང་འབྲེལ། འབྱུང་འགྱུར་གྱི་དམིགས་ཡུལ་བཅས་ཀྱི་ཐོག་གླེང་མོལ་ལྷུག་པོ་བྱེད་རྒྱུ་ཡིན་པས། དོན་གཉེར་ཅན་གྲོགས་པོ་རྣམས་ལྷན་ཞུགས་གནང་བར་རེ་བ་ཞུ།




Comments