top of page

ཉིན་གསུམ་གྱི་གློག་ཀླད་ཟབ་སྦྱོང་ལེགས་གྲུབ། Three-Day Computer Training Successfully Completed

3 hours ago
1 min read

དགའ་ལྡན་ཤར་རྩེ་སྒོམ་སྒྲུབ་ཚན་རིག་དང་ཉམས་ཞིབ་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་གསུམ་གྱི་གློག་ཀླད་ཟབ་སྦྱོང་གི་ལས་རིམ་ལེགས་པར་གྲུབ།

ཟབ་སྦྱོང་འདི་ནི་ཐོག་མའི་འཆར་གཞི་དང་དམིགས་ཡུལ་ལྟར། སློབ་མ་ཚོའི་ཤེས་ཚད་དང་དངོས་ཡོད་ཀྱི་དགོས་མཁོར་བསྟུན་ཏེ། གོ་བདེ་ཞིང་ལག་ལེན་དུ་འཁྱོལ་བའི་སྒོ་ནས་སྤེལ་ཐབས་གང་ཐུབ་བྱས། དེའི་རིང་སློབ་མ་ཚོས་གློག་ཀླད་ཀྱི་གཞི་རྩའི་ཤེས་བྱ་དང་ལག་རྩལ་ཁག་ཅིག་ལ་རྒྱུས་ལོན་དང་ལག་བསྟར་བྱེད་ཐུབ་པ་བྱུང་བ་ནི་ཟབ་སྦྱོང་འདིའི་དམིགས་ཡུལ་གལ་ཆེན་ཞིག་ཡིན།

ལས་རིམ་དེ་ལེགས་གྲུབ་ཡོང་བར་སློབ་ཁྲིད་ཁོ་ནས་མི་འགྲུབ་པར། རྒྱབ་སྐྱོར་དང་མཐུན་རྐྱེན་གྱི་ཆ་རྐྱེན་མང་པོ་ཚང་དགོས་པ་ལྟར། ཐེངས་འདིའི་ཟབ་སྦྱོང་ལ་གྲྭ་ཚང་གི་ངོས་ནས་རྒྱབ་སྐྱོར་དང་ཤེས་ཚོགས་ཀྱིས་དགོས་མཁོའི་མཐུན་རྐྱེན་དུ་ཅ་དངོས་སོགས་གང་དགོས་གནང་བྱུང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

དེ་བཞིན། སློབ་གཉེར་དང་ལས་དོན་གྱི་བྲེལ་ཟིང་ཁྲོད་ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་གྲྭ་བཙུན་རྣམ་པ་དང་། སློབ་ཁྲིད་དགེ་རྒན། བཞེས་ལག་བཟོ་མཁན་གྱི་མ་བྱན་དང་ལས་རོགས་ཀུན་ལ་བཀའ་དྲིན་ཆེ་ཞུ།

མཐའ་དོན། ཉིན་གསུམ་གྱི་ཟབ་སྦྱོང་འདི་ནི་དུས་ཐུང་གི་སློབ་ཁྲིད་ཅིག་ཙམ་མ་ཡིན་པར། མ་འོངས་པར་ཤེས་བྱ་གསར་པ་སྦྱོང་བ་དང་། ལག་རྩལ་གསར་པར་འཇུག་པའི་སྒོར་འགྱུར་བའི་རེ་བ་དང་། ད་རེས་ཀྱི་ཟབ་སྦྱོང་འདི་རང་ཉིད་ཀྱི་ཉིན་རེའི་ལས་དོན་དང་སློབ་གཉེར་ནང་ལག་ལེན་གནང་ཐུབ་པའི་སྨོན་འདུན་བཅས།

དགའ་ཤར་ཚན་རིག་སྡེ་ཚན་ནས།


The three-day computer training programme, organised by the Ganden Shartse Science and Research Centre, has been successfully completed.

The training was planned according to its original goals and the needs of the students. We tried our best to make the lessons simple, easy to understand, and useful in daily life. During these three days, the students learned some basic computer knowledge and skills. They also had the chance to practise what they learned. This was one of the main goals of the training.

A successful programme needs more than just good teaching. It also needs support and the right facilities. We would like to express our heartfelt thanks to the monastery for its support and to the Education Committee for providing the materials and other things needed for this training.

We would also like to thank all the monks and nuns who joined the training despite their busy study and work schedules. Our special thanks go to the teachers, cooks, and all the helpers who worked hard to make this programme successful.

Finally, we hope that this three-day training will not be just a short learning programme. We hope it will encourage everyone to learn more new things and develop new skills in the future. We also hope that the students will use what they have learned in their daily work and studies.

With heartfelt thanks,

Gashar Center for contemplative science and studies.



Comments


  • Facebook
  • LinledIn
  • Twitter
  • YouTube

@LOGA DESIGN GASHAR CENTER FOR CONTEMPLATIVE SCIENCE & STUDIES.

Gaden Shartse Monastery,
P.O Tibetan colony, Mundgod 581411.
Distt N.K (India)

bottom of page